人民网  |  新华网  |  中国网  |  腾讯  |  新浪  |  搜狐  |  网易  |  凤凰网  |  中华网  |  百度  |  青海新闻网

【书香润心·新力聚智】果洛州新联会会员读书分享选登

编者按:

在世界读书日来临之际,果洛州委统战部携手州新联会,以“书香润心·新力聚智”为主题开展读书分享活动。活动中,新联会会员以书为媒、以文会友,畅谈阅读感悟、共话思想成长,展现出新时代新的社会阶层人士热爱学习、追求进步的精神风貌。书香氤氲间,新联力量凝聚共识、启迪智慧,为果洛发展注入文化动能。

果洛州新联会会员,果洛州文联《白唇鹿》刊物藏文编辑、作家当增拉毛

《རྩྭ་ཐང་སྟེང་གི་རལ་རྒན་》བཀླགས་པའི་མྱོང་ཚོར་ཕྲན་བུ།
        སྤྱན་ཡངས།
        རལ་རྒན་མགོན་པོ་རྣམ་རྒྱལ་གྱི་རང་རྣམ་ལས་ངས་སྤྱི་ཚོགས་རྙིང་བའི་སྤྲང་པོའི་འཚོ་བ་དང་སེམས་ཁམས། ལྷག་པར་དུ་འཚོ་ཚིས་ལ་རེ་བ་དང་འདོད་འདུན་ཆེན་པོ་མེད་པའི་མི་དང་མིའི་བར་གྱི་བཅོས་མིན་བརྩེ་དུང་གི་བྱིན་མཐུ་དེ་དག་ངང་གིས་མཐོང་བྱུང་། གཏམ་རྒྱུད་ཀྱི་ཟུར་དང་ལོག་ནས་མཐོང་བྱུང་། ཡིག་ནོར་དང་མཉམ་དུ་མཛེས་སྡུག་གིས་མཐོང་བྱུང་། ཚིག་སྐྱོན་དང་སྡེབ་སྟེ་རྩོལ་མེད་ཀྱིས་མཐོང་བྱུང་། ང་ནི་མངོན་སྟངས་འདི་ལ་ཤིན་ཏུ་འཐད་དེ། བྱ་དངོས་གང་ཞིག་ཡིན་ཡང་ཐད་ཀར་རམ་བར་མ་ཆོད་པར་ཆེད་དུ་ངོ་སྤྲད་པ་དང་ལྷང་ལ་ཕུད་པ་ལས། གང་ཞིག་གི་ཟུར་དང་ལོག་ནས་བབས་ཆགས་དང་སྦས་སྟབས། ཡང་ན་རང་ཤུགས་ཀྱིས་གོ་འོང་བའི་སེམས་ཀྱི་གདངས་དབྱངས་དེའམ་ཚད་དང་རན་པར་འཚོ་བ་དང་རེ་སྙེགས་ལ་སྙིང་པོ་སྩལ་བའི་མངོན་སྟངས་དེ་ལ་དགའ། གཏམ་རྒྱུད་འདིའི་གཙོ་བོ་དེ་མིན་ཡང་ངས་ནི་ཏག་ཏག་དེ་ག་རང་འབུར་གཟུགས་ལྟར་མཐོང་འོང་། དེ་ཡང་ཡིན་རྒྱུ་རེད་དེ། ད་ལྟ་འདི་ལྟར་ཕྱིར་འདང་ཞིག་བྱས་ན་ང་ཡི་མི་ཚེའི་དུས་ཚོད་མང་ཤོས་སྤྱད་ནས་ནང་སེམས་ཀྱིས་བསྲུངས་ཤིང་བསྙོར་བའི་འབྲེལ་བ་མང་དག་ཅིག་ནི། ཐད་གར་མ་ཡིན་པའི་སྤྱོད་པ་དང་རྣམ་འགྱུར་གྱིས་བཏབ་ཅིང་འབུས་པའི་སྨྱུ་གུ་ཞེ་ཅིག་ཡིན་པ་འདྲ། དེ་ཡང་ཕར་དེད་ན་ངེད་ཀྱི་ཕ་ཁྱིམ་གྱི་བརྩེ་བ་མངོན་སྟངས་དང་འབྲེལ་བ་ཏན་ཏན་ཡོད་སྲིད་པ་འདྲ་སྟེ། ངེད་ཀྱི་ཕ་ཁྱིམ་ལ་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི་སོ་སོའི་ཕན་ཚུན་གྱི་སེམས་ཀྱི་ངལ་བ་ཕྲ་མོ་ཙམ་ལའང་ཐུགས་ཁུར་བྱེད་ཅིང་ཁྱིམ་གཅིག་ལ་མི་ཉི་ཤུ་ཡོད་ཀྱང་མི་གཅིག་ཕྱི་ལ་ཕྱིན་ཚེ་ཁྱིམ་འཁྱག་འགྲོ་བའི་སྣང་བ་སྟེར་བ་དེ་རེད། དེ་ལྟར་སེམས་ཀྱི་བདེ་སྡུག་གཙོ་བོར་འཛིན་པའི་དྲོད་ཁོལ་གྱི་མཁའ་དབུགས་ཤིག་ཐོག་མར་ཁྱིམ་རྒྱུད་ཀྱི་མེས་པོ་སུའི་རིང་ནས་མར་རྩམ་གྱི་དྲི་དང་བསྡོངས་ནས་འཐུལ་བ་ནི་ཆ་མི་འཚལ་ཡང་། ད་ལྟ་ངེད་ཀྱི་ཁྱིམ་ཚང་གི་གཅིག་སེམས་གཅིག་གིས་སྲུང་བའི་རྣམ་པ་དེ་ནི་རྡུལ་དང་ཆུ་ཐིགས་རེ་རེས་གཟུགས་མེད་ཀྱི་གཏོང་བ་ལས་སྐྱེས་པའི་སྡོང་པོ་ཆེན་པོ་ཞིག་དང་འདྲ་སྟེ། འདི་ནི་ཁྱིམ་ཚང་གཞན་ནས་མཐོང་བར་དཀའ་བའི་བརྩེ་དུང་གི་སྣང་ཚུལ་ཞིག་ཏུ་ཡང་ཡང་སྣང་འོང་། དེ་ཡང་མིན་ཤས་ཆེ་སྟེ། ཆེ་ས་ནས་མི་རིགས་དང་མི་རིགས་བར། ཆུང་ས་ནས་ཡུལ་སྡེ་དང་ཚོ་བའི་བར། ད་རུང་ཆུང་དུ་བཏང་ན་ཁྱིམ་ཚང་དང་ཁྱིམ་ཚང་བར་དུ་སོ་སོའི་མཛའ་སེམས་དང་དུང་བ་ཕྱི་རུ་མངོན་པའི་བྱེད་སྟངས་ནི་སྣ་ཚོགས་པ་ཡོད་པས། ངས་ཏག་ཏག་རང་གི་གཤིས་ལ་ཐིམ་པའི་སྤྱོད་སྟངས་འདི་ལས་གཞན་ལ་དོ་སྣང་མ་བྱས་པའང་ཡིན་ཤས་ཆེ་མོད། གང་ལྟར་ངེད་ཀྱི་ཁྱིམ་ཚང་དུ་ཆེ་ཆུང་ཚང་མས་ཕན་ཚུན་གྱི་སེམས་ཀྱི་དགའ་སྐྱོ་མངོན་ཆུང་གིས་སྲུང་ནས་ཡོད་དེ། དེ་ཡི་དབང་གིས་ང་ཅག་གཅེན་གཅུང་དག་རེ་རེ་ནས་གནས་ལ་འགྲོ་བར་ཡང་ཁྱིམ་གྱི་རྒན་རྒོན་དག་གིས་ཚིག་གཅིག་གིས་ཁ་བཏང་བ་མི་དྲན་ལ། བརྗེད་དུ་མེད་པ་ནི་ང་ཚོ་རེ་རེ་ནས་གཉེན་སློང་དུ་ཡོང་སྐབས་ཞང་བོ་ལགས་ཀྱིས་སྐད་ཆ་གཅིག་ཤོད་ཀྱི་ཡོད་པ་དེ་རེད། ཚིག་ཀ་དེ་ཡི་ནང་ནས་ངས་ཁོང་གི་སེམས་ཀྱིས་མི་ལོངས་པའི་སྐད་ཆ་མང་པོ་ཞིག་ཐོས་ཐུབ་པས་གནས་ལ་འགྲོ་རྒྱུ་ཡིན་ཡང་མིག་ཆུ་ནི་དབང་མེད་དུ་ཟགས་ཏེ་ཡུལ་དུ་ལུས་པའི་ཞེན་ཆགས་དང་མཉམ་དུ་སེམས་ཀྱི་གཏིང་རིམ་ནས་བཞུར་ཞིང་རླུང་ལ་བཟེད་པའི་མཁུར་མགོ་གང་རུང་ནས་སྐམ་འགྲོ། ཆུང་དུས་ནི་ཕ་མ་ཚོས་ནམ་རྒྱུན་ལག་ཆགས་དུས་མག་པ་ཞིག་ཨེ་ལོན་ལྟོས་ཟེར་དཔེ། དེ་ནི་བུ་ཕྲུག་དག་གིས་རང་ལམ་བསྙེགས་རྗེས་ཀྱི་དྲན་གདུང་སེམས་ཀྱིས་འཁུར་བར་སྐྲག་པ་ལོས་ཡིན་མོད། ཡིན་ཡང་རྗེས་ནས་ང་ཚོ་རང་རང་སོ་སོ་ཁྱིམ་ཚང་རེ་རེའི་མནའ་མ་བྱས་རྗེས། ཁོང་ཅག་གིས་ཁྱིམ་ན་རྒན་པ་ཡོད་ན་བསོད་ནམས་གཞན་དང་མི་འདྲ་བས་ཡག་པོ་འདུག་ཟེར་བ་རེད། དེ་ཡང་ཕར་དེད་ན་ང་ཚོས་གདམ་གསེས་ལ་བརྩི་བཀུར་དང་། ང་ཅག་སོ་སོའི་སེམས་ལ་རྒན་པ་དག་གི་ཡིད་འཐད་དང་མོས་མཐུན་གྱི་ཉམས་དེ་ཉར་ནས་ཞེ་བདེ་མོར་འགྲོ་ཐུབ་པའི་ཆེད་ལོས་ཡིན། དེ་ཙམ་གྱིས་མཚོན་ག་ལ་ནུས་ཏེ་མི་ནུས་མོད། གང་ལྟར་ང་ནི་སེམས་ཀྱི་བདེ་སྡུག་གཙུག་ཏུ་བཀུར་ཞིང་དེ་ཡི་ངོ་བོ་གསལ་རྗེན་དུ་སྟོན་པར་མི་གོམས་པའི་ཁྱིམ་མི་མང་པོའི་གྲུབ་པའི་གཞིས་ཀ་སྐྱིད་ལྷང་ངེ་བ་དེ་ནས་སེམས་དང་ལང་ཚོ་འཚར་བ་ཡིན་པས། ངས་གཏམ་རྒྱུད་འདི་ཡི་ཟ་དང་ཟུར་ནས་རྙེད་པའི་དོན་དག་མང་པོ་ཞིག་ལ་སེམས་ཀྱི་མིག་དབང་ཡང་ཡང་ཤོར་འགྲོ།
        སྐྱུག་བཤལ①་གྱི་ནད་ཀྱིས་ལྔ་ལམ་དུ་བརྫངས་པའི་རྒན་༼སྐལ་བཟང་༽ལགས་དང་ཁོའི་ཆུང་མ་ལགས་འདས་ཁའི་སེམས་ཀྱི་ཕྱིར་མིག ད་དུང་ཁོང་གིས་འུ་ཐུག་པའི་ངང་ཆུང་མའི་ཕུང་པོ་འབྲུ་ཆུར་བསྐུར་རྗེས། ཁུ་སིམ་གྱི་ཟླ་འོད་འོག་ནས་རྩྭ་དུད་རྐང་གཅིག་མེ་རུ་བསྒྲོན་ཏེ། སྐད་ཆ་མང་པོ་མ་བཤད་པར་ཤ་ཞེན་དང་དམ་ཚིག་གིས་བསྡམས་པའི་དངུལ་མཛུབ་དེ་མགོན་པོ་རྒྱལ་མཚན་ལ་ཕུལ་བའི་སྣང་བརྙན་དེ་དག་ལས། ཁ་རྒྱབ་ཀྱི་འཁོས་ཞན་དང་ལས་གཡོག་གི་འཚོ་བའི་མུན་རིམ་ལས་རྣམ་པར་རྒྱལ་བའི་མཛའ་སེམས་དང་བརྩེ་གདུང་གི་མེ་ལྕེ་དེ་ཁོ་ཚོའི་ནང་སེམས་ནས་རབ་ཏུ་མཆེད་དེ་གཏམ་རྒྱུད་ཕྱི་རོལ་གྱི་ང་རང་ཡང་བསྲོས་ནས་དྲོད་ལམ་མེར་གཏོང་ནའང་། ཡང་ཞིང་ལྕི་བའི་ཚེ་སྲོག་གི་མདུན་ཐད་ནས་ང་ཚོ་ནི་འབུ་ནག་གྲོག་མའི་སྐེད་པ་ལས་ཀྱང་ཉམ་ང་ཞིང་ཉག་ཕྲ་བ་མ་ཡིན་ནམ། སོ་སོའི་ཞེ་དང་སྲོག་གིས་བསྙོར་ཞིང་འོས་དང་འོས་མིན་གྱི་གཏོང་བ་ཕངས་མེད་དུ་བསྩལ་བའི་གཅེས་ཤིང་སེམས་པ་མཐའ་དག ལྗིད་ཏིག་གེར་འཇིག་རྟེན་གསོན་ངོགས་སུ་བསྐྱུར་ནས། སླར་ཡང་བག་ཆགས་ཕྲ་མོ་ཙམ་གྱིས་ཀྱང་མི་ཟིན་པའི་ལས་སྣང་གི་ཡུལ་གྲུ་གཞན་ཞིག་ནས་གར་འོང་མི་ཤེས་པའི་རང་ཉིད་ལ་རང་ཉིད་ཀྱི་འདུ་ཤེས་འཛིན་དགོས་པ་ཨེ་ཡིན་ནམ།  
གང་ལྟར་རལ་རྒན་མགོན་པོ་རྒྱལ་མཚན་གྱི་མི་ཚེའི་བྱུང་བ་འདི་ལས་འཇིག་རྟེན་རྙིང་ལུགས་ཀྱི་སྤྱི་ཚོགས་སུ། མི་དང་མིའི་བར་དང་མི་དང་རང་བྱུང་ཁམས་བར་གྱི་དད་འདུན་གྱི་གཟུང་ཐག་སྲ་མོ་དང་། གྲལ་རིམ་བར་གྱི་དབང་སྒྱུར་གྱི་དྲག་སྤྱོད་སྙིང་ལ་སུན་པ། དཀའ་ཞིང་ཁག་པའི་འཁྱམ་ཉུལ་བའི་ལས་དབང་ཡུ་མུག་པ་དག་མཐོང་ཐུབ་མོད། མི་སེམས་ཀྱི་འགྱུར་བ་སྤྱི་ཚོགས་ལ་ཕོག་ཅིང་སྤྱི་ཚོགས་ཀྱི་འགྱུར་བ་དུས་དང་རབས་སུ་བགོས་པའི་འགྲོ་མིའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཀློང་ན་སྣང་ཚུལ་དེ་དག་ནི་ཡོད་ཤག་ཡིན་ལ། ཡོད་པར་ཡ་མཚན་རྒྱུ་ནི་ཅི་ཡང་མི་འདུག་ཀྱང་། དྲྭ་བ་རང་ཉིད་ཀྱིས་བཟོས་ཤིང་སྡོམ་བྱ་རང་ཉིད་དུ་གྱུར་བའི་མི་སེམས་ཀྱི་ཁོད་ཡངས་དོག་གི་བར་གླགས་ནས་རིན་ཐང་གི་ལྟ་བ་དང་། མཛེས་དཔྱོད་ཀྱི་ལྟ་བ་སོགས་ལྟ་བ་སྣ་མང་ལ་འགྱུར་བ་ཅི་ཙམ་བྱུང་རུང་། ང་ཚོའི་རང་བཞིན་དང་སྡར་གཤིས་ཀྱིས་ནམ་ཞར་གཏོང་དུ་མེད་པ་ནི། སྣང་བའི་རླུང་ཡན་འདི་ཡིས་འཆའ་ས་འམ་ཁེན་ས་སྟེ། སྐྱིད་སྡུག་གི་སེམས་འགྱུ་རག་ལས་སུའི་གཉེན་ཉེ་དུ་དང་གྲོགས་དགའ་མཛའ་སོགས་ནི་སོ་སོས་རང་གི་ཐབས་དང་ཤེས་པ་སྤྱད་ནས་སྲུང་ཞིང་བདག་ཏུ་བྱེད་པར་འདོད་པ་དེ་རེད། དེ་ལ་སྤྱི་ཚོགས་ཀྱི་གསར་རྙིང་དང་ཁེ་ཐོབ་ཀྱི་མཐོ་དམའ་མི་འདུག མགོན་པོ་རྒྱལ་མཚན་ཁྱིམ་མི་གང་པོའི་སྤྲང་ཁུག་ཐོག་མར་གཞན་ལ་བཟེད་དུས་ཀྱི་ཁོང་གི་ཨ་མས་བྱེད་སྟངས་དེ་ལས་ཀྱང་ཟུར་མང་པོ་ཞིག་ར་སྤྲད་ཡོང་སྟེ། དོན་གྱིས་བཤད་ན་སོ་སོ་འཇིག་རྟེན་འདིར་འོང་ནས་ཤ་ཚ་ཞིང་སྙིང་ཉེ་བའི་ཁྱིམ་གྱི་མི་དག་དང་མཉམ་དུ་འཚོ་བར་བྱེད་པ་ལ། སོ་སོས་ཐབས་དང་མོས་པ་གང་སྤྱད་ཀྱང་སེམས་ཀྱི་ཡོལ་གོར་ལྟེམ་མེར་འཁྱིལ་བའི་བརྩེ་སེམས་ཀྱི་བདུད་རྩི་དྲོན་མོ་དེ་ཡང་ཡང་མྱོང་ཐུབ་པས་ཆོག་གི་རེད་མོད། འཇིག་རྟེན་གྱི་བྱ་དངོས་མཐའ་དག་ཟུར་དང་ལོག་ནས་མ་བལྟས་ཚེ་དེ་ཡི་ཁྱད་པར་གྱི་ཆོས་ཉིད་མཐོང་བར་དཀའ་ལ། དེ་ལྟར་མཐོང་བའི་རང་མདངས་དེ་ནི་ཡིད་དུ་འོང་བ་ཞིག་ཡིན་པ་འདྲ།  
        ཁོ་ཚོས་ད་ནི་སྤྲང་པོ་རང་ཆགས་སོང་བསམ་པའི་བཟོད་མེད་ཀྱི་སྡུག་བསྔལ་དེ་ནི་གོ་བབ་དང་གྲག་སྟོང་གིས་བཅིངས་པའི་མི་སེམས་ཀྱི་སྒྲོམ་གཞི་དེ་ཡིས་བསྐྱེད་པ་ལས། དོན་དུ་གཞན་གྱིས་བརྩེ་བ་དང་སྙིང་རྗེ་ལས་བསྩལ་བའི་ཟས་གོས་དག་སྤྱོད་པ་ལ་ངོ་ཚ་དང་གནོང་འགྱོད་ཅིག་བྱེད་པར་མི་འོས་ཀྱང་། ང་ཚོ་རྟག་ཏུ་ར་བ་དེ་ལས་བརྒལ་ཐབས་མེད་པས་ཁོ་ཚོ་སྤྲང་དགོས་བྱུང་བར་ངས་ཀྱང་ཡི་མུག་ཅིག་ཤོར་འགྲོ། ཡིན་ཡང་ཁོང་གི་ཨ་མས་སྤྲང་ཁུག་གཞན་ལ་འཛེད་པའི་ཐོག་མའི་ལས་དེར་གཞན་སུ་ཡང་འགྲོར་མ་བཅུག་པར་རང་ཉིད་ཕྱིན་ཞིང་། ལག་ཡས་ཀྱིས་མིག་ཆུ་འབྱིད་ཞོར་དང་ལག་ཡས་ཀྱིས་མཐེ་བོང་སྒྲེང་བཞིན་དུད་ཁྱིམ་ཆེ་ཁག་གི་སྒོ་ཁ་ཁེར་ཉུལ་བྱེད་ཅིང་། གཤོང་དང་ཕག་ནས་ངུ་ཞོར་དང་སྡིག་ཞོར་དུ་སོང་བ་ནི་ཇི་འདྲའི་ཡིད་འགུལ་ཐེབས་པ་ཞིག་རེད་ཨང་། མོ་རང་གིས་ཕམ་ཉེས་དང་རྒུད་པ་ཡ་ང་བ་རུ་ངོས་འཛིན་པའི་གནས་བབ་དེ་ཡི་འོག་ཏུ། ལག་གི་སྤྲང་ཁུག་ལས་ཀྱང་གལ་ཆེན་དུ་སེམས་པའི་ཁོག་དཔུང་དང་ལ་རྒྱ་ཁྱོ་ག་དང་བུ་ཕྲུག་ལ་བཞག་ནས། ཉེས་སྡུག་དང་གནམ་རྡིབ་རང་ཉིད་ཀྱིས་ཁུར་བའི་སྙིང་སྟོབས་དེ་ནི་བརྩེ་དུང་གི་རྣོ་ངར་མ་ཡིན་ནམ། དེ་ནི་གཅིག་སྲོག་གཅིག་ལ་ཕུལ་བ་ལས་ཀྱང་ཁྱད་པར་དང་མཛེས་སྡུག་ཏུ་སེམས་སོང་། ངས་སྐབས་འདིར་ཁོ་ཚོ་ནི་ང་རང་ནང་བཞིན་དྲོད་ཁོལ་གཞན་ཞིག་གིས་བསྙོར་ནས་སེམས་ཀྱི་ཁོ་ལག་རང་ཤུགས་ཀྱིས་རྫོགས་ཀྱིན་པའི་ཚེ་སྲོག་བསོད་ནམས་ཅན་ཞིག་ཏུ་ངོས་འཛིན་འདོད་མོད། ཡང་གཟུགས་མེད་ཀྱི་སྡོམ་ཐག་གང་ཞིག་གིས་སེམས་ཀྱི་ག་ཤེད་ཅིག་ནས་མི་གཏོང་བ་ནང་བཞིན་སྙིང་མ་རྗེ་ཁོ་ཚོ་སྤྲང་དགོས་བྱུང་སོང་སེམས་ཡོང་། ཨ་ཁ། བཅིངས་ནས་འཁུམས་འཁུམས་ཏུ་གྱུར་ཚར་བའི་ང་ཚོ་ཨང་། ད་ནི་ཡན་པོ་དང་རང་ཆས་སུ་གཏོང་དཀའ་བས་མ་གཏོགས། ཁོ་ཚོ་དྲེལ་རྒྱབ་དང་རྐང་ཐང་དུ་ལ་ཀླུང་རི་ཐང་གང་མང་བརྒྱུད་ནས་ཡུལ་སྡེ་དང་མི་རིགས་འདྲ་མིན་དུ་བསྐྱོད་དུས། ཁོ་ཚོ་ནི་དངོས་གནས་རང་བྱུང་ཁམས་ལ་གཞིས་འཆའ་ཞིང་། ནམ་ཟླའི་འགྱུར་བ་མ་གཏོགས་བཀའ་མེད་པའི་ཆེས་རང་དབང་གི་ཁྱིམ་གཞིས་འཆར་ཡན་དང་ལྡན་པ་ཞིག་ཏུ་ངོས་འཛིན་ཆོག་པ་རེད།  
       ཁ་རྒྱབ་ཀྱི་འཚོ་ཚིས་སུས་ཀྱང་གཉེར་མོད། དེ་ཡི་བྱེད་སྟངས་ལ་ཡང་བར་ཁྱད་ཅིག་བཏོད་པའི་ང་ཚོ་ཡིས་ཡང་སྙིང་གི་མཛེས་པ་ནི་ནམ་ཡང་རྟོགས་ཐབས་མེད་པ་འདྲ།  
       ཁོ་ཚོ་དེ་ལྟར་ལི་ཐང་ནས་སྤྲང་སྟེ་ཡོན་ནན་དང་ཏ་ལིས། ཨར་ཧེ་མཚེའུ་སོགས་ས་ཆ་མེད་དང་ཡུལ་རྒྱུས་མེད་གྲངས་མང་དུ་སྐྱོད་པའི་བར་དང་གླགས་ནས་དད་འདུན་དང་སྐྱབས་བཅོལ་གྱི་འདུན་མའི་སྣ་ཤེད་ཀྱིས་ཁུར་ཏེ། རོང་བཙན་ཁ་བ་དཀར་པོ་ལ་སོགས་པའི་གནས་རི་བྱིན་ཅན་དང་། དགོན་སྡེ་འགང་ཆེན་མང་པོར་མཇལ་སྐོར་དང་མཆོད་འབུལ་དུ་ཕྱིན་མྱངས་ལ། རིམ་གྱིས་ས་གང་ཡིན་དུ་ལས་གཡོག་དང་འཁྲབ་སློང་བྱས་ཤིང་། ཡུལ་ལུང་མི་གཅིག་པའི་སྤྲང་པོ་དང་སྤྲང་པོའི་བར་གྱི་མ་གྲོས་གཅིག་མཐུན་གྱི་རུ་འམ་དཔུང་ལ་ཞུགས་ཤིང་ཕན་ཚུན་སྐྱིད་སྡུག་མཉམ་ཁུར་དང་རུ་གྱེས་ཀྱི་དྲན་གདུང་། ད་དུང་སླར་མཇལ་གྱི་རེ་འདུན་སོགས་ལུས་དང་སེམས་ཀྱི་མྱོང་བ་སྣ་མང་བརྒྱུད་བརྒྱུད་རྗེས། ཁོ་རང་ལུས་དང་ལང་ཚོའི་ཁོ་ལག་རྫོགས་པའི་རལ་པའི་བྲོ་བ་ཞིག་ཏུ་ཆགས་ཤིང་། གཞན་གྱིས་ལོ་སྣེར་ལོ་མཐུད་ཀྱིས་སྦྱོང་དགོས་པའི་རལ་པའི་བྲོ་རྩལ་དེ་ཉིད། བྱེ་ཐང་ནས་ཉིན་ཁར་མཚན་འཇོག་གིས་སྦྱངས་པའི་ཞེ་རུས་དེ་ཡང་ཁོང་གི་ཁྱིམ་ཚང་གང་པོའི་འཚོ་ཚིས་འཚོལ་སྒྲུབ་ཀྱི་ལམ་ཁ་སྔར་ལས་ཡངས་པའི་རེ་འདུན་དང་། ཕ་མ་གཉིས་ལ་ཚེགས་ཡང་གཏོང་འདོད་ཀྱི་བརྩེ་དུང་གི་བྱིན་རླབས་ལས་བྱུང་བ་མ་ཡིན་ནམ། 
        འདང་སྐོར་ལོག་ཅིག་བརྒྱབ་ན་ཁོང་ནི་ང་ཚོ་སྤྱིར་བཏང་གི་མི་ལས་ལྡབ་འགྱུར་གྱིས། གཞན་གྱི་སྙིང་རྗེ་དང་བྱམས་པའི་སེམས་ཀྱི་འོད་སྣང་གི་གཟི་བྱིན་འཕྲོ་བའི་མིག་མདངས་ཀྱིས་ཡང་ཡང་བསྲོས་མྱངས་པས་ན། ཁོ་རང་མི་བསོད་དམན་ཅིག་ཏུ་ནམ་ཡང་སེམས་མི་ཐུབ་སྟེ། ཁ་ལན་དང་དྲིན་འཇལ་ལ་མི་རེ་བའི་སྩོལ་བ་དེ་དག་ནི་ང་ཚོའི་མི་མངོན་པའི་གདོད་མའི་རང་གཤིས་སུ་མངའ་བའི་ཆེས་མཛེས་སྡུག་གི་ཆ་དེ་མ་ཡིན་ནམ། ཁོ་ནི་བསོད་བདེ་ཆེན་པོ་རེད་སྙམ་འོང་། ཡང་མཐོང་ཆུང་དང་ཁྱད་གསོད་ཀྱིས་འཕངས་པའི་མིག་ཟུར་དེ་དག་གིས་བཟོས་པའི་རྨ་ཁ་དག་དྲན་ཚེ་ང་རང་སླར་ཡང་གཉའ་དམས་པར་ཆགས་འོང་།  
        མཐའ་མཇུག་ཁོ་རང་དམར་དམག་གི་ཤོག་སྡེར་ཞུགས་ཤིང་ཁོ་རང་གིས་བལྟས་ཚོད་ལ། རླུང་རྟ་ཡར་ནས་ཡར་ལ་རྒྱུག་པའི་གོ་རིམ་གྱི་ཁྲོད་ནས་ངས་ཁོང་གི་རང་དབང་དང་བག་ཡངས་དེ། སྔོན་ཆད་ནས་བོར་སོང་བའི་ཁོང་གི་གཅེན་མོ་དང་མཉམ་དུ་མི་སྣང་བར་གྱུར་སོང་བསམ་ཚེ་ཕངས་སེམས་དྲག་ཏུ་སྐྱེ་དགོས་པར་ཆགས། ང་རང་ཁོའི་ཆུང་དུས་ཀྱི་འཚོ་བར་སྙིང་རྗེ་སྐྱེ་དགོས་པ་བྱུང་ཡང་ནར་སོན་དུས་ཀྱི་འཚོ་བར་སུན་པོ་ཞེ་དྲག་སྐྱེས་ནས་བཀླགས་ཀྱང་དཀའ་ཚོད་དུ་གྱུར་སོང་། དེ་ནི་ང་རང་ཉིད་ཀྱི་འཇིག་རྟེན་ལྟ་བས་སྣ་ཁྲིད་ནས་རང་འདོད་ཀྱི་ཕྱོགས་སུ་ཤོར་བ་ལས་གཞན་གང་ཡང་མ་ཡིན་དེ། ད་ནི་བཀླགས་ནས་མཚམས་འདིར་སླེབས་ཤིང་ཁོང་གི་མི་ཚེའི་མྱོང་བ་དེ་དག་ཤོག་ངོས་རེ་རེ་བཞིན་ཕར་ནས་ཕར་ལ་བསྒྱུར་བསྒྱུར་མཐར་ཆ་ཡོད་རྒྱུས་ལོན་གྱི་མི་ཞིག་དང་འདྲ་བོ་ཆགས་འདུག་པས། མགོན་པོ་རྒྱལ་མཚན་གྱིས་ཁོ་རང་གི་མི་ཚེའི་གཟི་བརྗིད་དང་རྒྱལ་ཁར་བརྩི་བའི་འགྱུར་བ་འདི་ལ་རྟེན་འབྲེལ་ཞིག་ཞུ་དགོས་རྒྱུ་རེད། ཡུན་ཀྱིས་ཁོ་རང་རྩ་འཛུགས་དང་སྒྲིག་ལམ་ལ་ཞུགས་པས་ལོ་ངོ་བཅོ་བརྒྱད་ལ་མ་མཇལ་བའི་ཕ་ཡུལ་དང་ཉེ་མིར་འཕྲད་དུས་ཀྱང་དུས་ཚོད་ལ་ཚད་བཀག་ལྟར་ཉིན་གཅིག་ལའང་འདུག་ལོང་མེད་པར་ལོག་དགོས་བྱུང་ཡང་། ཉེ་མི་རྣམས་ཀྱིས་བུ་རྒོད་པོ་ཀོ་བའི་རྣ་ལུང་ཅན་ཞིག་གི་ངོས་འཛིན་ཐོབ་སོང་། མཇུག་མཐར་ཁོ་རང་ཁོང་གིས་བཤད་པ་ནང་བཞིན་ཏང་གི་བྱམས་བརྩེས་བསྐྱངས་པའི་རྩྭ་ཐང་གི་རལ་པའི་བྲོ་བ་ཕུལ་ཏུ་བྱུང་བ་ཞིག་ཏུ་ཆགས་པས། ཏང་གི་བཀའ་དྲིན་ནམ་ཡང་མི་བརྗེད་པར་སེམས་ལ་འཛིན་པའི་དྲིན་གཟོ་ཅན་གྱི་ལས་བྱེད་པ་དང་ཏང་ཡོན་ཞིག་ཡིན། དེ་སྐབས་ཁོང་གིས་རང་གི་མགོ་ཐོག་ན་གནམ་ལས་མེད་པར་སེམས་ཀྱིན་ཡོད་ཀྱང་བདག་གི་སེམས་པར་ཁོང་གི་མགོ་ཐོག་ལ་ཁོ་རང་ཆུང་དུས་ཁོ་ཚང་གི་ཁྱིམ་མི་བརྒྱད་ཀྱི་ཟླ་ཟས་ལོང་པའི་མ་རྨོས་ལོ་ཏོག་སྒྱེ་མོ་གང་ལས་ཀྱང་ལྕི་བ་ཞིག་གིས་མནན་ནས། ལེབ་ལེབ་དང་ཡང་ན་ཅག་ཅག་ཏུ་བཏང་ཟིན་པས་ད་ནི་ལྕི་མོ་ཞིག་གིས་མནན་ཡོད་པའང་མི་ཚོར་བའི་ཚོད་དུ་སླེབས་སོང་སྙམ།  
      དེ་ནི་ང་རང་གི་བསམ་པར་ཁོང་གི་མི་འཇིགས་པའི་དཔའ་ངར་དང་མི་ཞུམ་པའི་སྙིང་ཕོད་དེ། མེས་པོ་སྔོན་མ་དག་གི་ངང་རྒྱུད་ན་རང་ཆས་སུ་མངའ་བའི་འབྲོང་རྒོད་ཀྱི་ངར་ཤུགས་ལ་ནམ་ཡང་ཁ་ལོ་འདུལ་མཁན་དང་སྣ་གཅུ་འགུགས་མཁན་ཞིག་མེད་པར། ང་ཚོ་བུད་མེད་དག་གི་སེམས་ནང་ནས་རྒས་པ་མེད་པའི་སྐྱེས་པ་ཕོ་ཡི་ངང་གིས་མི་ཚེ་རྫོགས་ཆོག་ན་སྙམ་པ་ལས་ཁོང་གི་གདམ་གསེས་དེ་ཡིས་ཁོ་རང་གི་ངོ་སོ་དང་རལ་པའི་བྲོ་གར་གྱི་བསྟན་པ་ནི་སྐབས་དེར་ཁོང་གི་ཉེ་མི་དག་གི་ངོས་འཛིན་ཁྲོད་ཀྱི་ཁོ་རང་ནང་བཞིན་དར་ཞིང་རྒྱས་པར་གྱུར་ལ། ད་ལྟའི་དུས་ཚོད་འདིར་རལ་པའི་བྲོ་གར་འདི་བོད་པའི་བྲོ་གར་ལས་ཚབ་མཚོན་དང་ཁྱབ་གདལ་དུ་གྱུར་བའི་བྲོ་གར་ཆ་ཚང་ཞིག་ཡིན་པའང་ཁོང་གིས་རང་ཚུགས་དང་ཁོག་དཔུང་གྱི་སྲ་མཁྲེགས་ལ་སྙི་ཕབ་པའི་འབྲས་བུ་ཡིན་པར་འདུག རལ་པའི་བྲོ་གར་འདིའི་དར་དང་སྤེལ་བའི་ཕྱོགས་ལ་བཤད་ཚུལ་མང་དུ་ཡོད་ཀྱང་། ལོ་རྒྱུས་ཀྱི་རྒྱུན་རིང་པོའི་ཁྲོད་དུ་འཚོ་ཚིས་ཀྱི་ཆེད་དུ་སྤྲང་པོས་འཁྲབས་པས་དམེ་བོར་བལྟ་ཞིང་། ཡང་བག་ཡངས་ཀྱི་སླད་དུ་ཕྱུག་པོས་འཁྲབས་པས་སྒྱུ་རྩལ་དུ་བརྩི། གང་ལྟར་ཀྲུང་གོ་གསར་པ་ཚུགས་པ་ནས་ཁོང་གིས་རྒྱལ་ཕྱི་ནང་ཀུན་ཏུ་འཁྲབས་ལ། སྲིད་ཇུས་ཀྱི་དགོས་མཁོས་དེད་པས་ཁ་གསབ་དང་ལས་སྣོན་གྱང་མང་དུ་བྱས་པར་སྐད་པས། བྱ་དངོས་གང་ལ་འང་ཟུར་ངོས་མི་འདྲ་བ་ན་ཁྱད་པར་མི་འདྲ་རེ་ཡོད་པ་དེ་བཞིན་དུ། ལྟ་ཕྱོགས་འདི་ག་ནས་ཁོང་གི་ཚེ་སྨད་ཀྱི་བྱ་གཞག་ལ་བལྟས་ཚེ་ཁོང་ནི་སྔར་བཞིན་དཔའ་ཚུགས་དང་འགྱིངས་ཉམས་ཀྱིས་མཐོང་ཐུབ།

果洛州新联会会员,果洛州文联藏语作家东格措

ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དུ་མས་དཔེ་ཆ་ཀློག་པ་ནི་ཏན་ཏན་སློབ་རྒྱུགས་རིགས་ཤིག་དང་ལས་བྱེད་པར་ཉན་རྒྱུ་ཙམ་དུ་སྣང་བའི་དུས་ཚོད་འདིར་མཚོན་ནས་བཤད་ན། བུད་མེད་ཚོའི་ཁྲོད་དུ་དཔེ་ཆ་ཀློག་རྒྱུར་གོམས་གཤིས་སུ་དེ་ཙམ་སོང་མེད་པར་མ་ཟད་དཔེ་ཆ་ཀློག་རྒྱུ་དེ་ནི་སྐྱེས་པ་དག་ལས་བུད་མེད་ལ་དགོས་མཁོ་མེད་པར་བསམས་པ་དེར་གཏིང་ནས་འོ་སྐོར་གྱི་བསམ་པའི་འཁྱེར་སོ་འཕྱུགས་སོང་བར་བསམ། དེ་བས་སེམས་ཀྱི་གདུང་བ་དང་ལུས་ཀྱི་ངལ་དུབ་མཐའ་དག་དཔེ་ཀློག་གི་ཞིང་སར་སྨོན་དང་། སྐྱིད་སྡུག་རེས་མོས་ཀྱི་འཚོ་བའི་སྙི་སར་འཐིམ་པའི་རླབས་ཆེན་གྱི་བུད་མེད་ཚོ། དཔེ་ཀློག་གིས་ཁྱོད་ཀྱི་ནང་སེམས་ཀྱི་འཇིག་རྟེན་ལ་ཁུ་སིམ་པར་དགའ་བྲོད་ཀྱི་འཚོ་བ་ལྷིང་འཇགས་ཤིག་སྟེར་སྲིད། 

果洛州新联会会员,班玛县知钦乡寄宿制小学教师才让

《光影流转间的藏地魂——观〈光之子〉与〈寻找智美更登〉有感》

夜幕低垂,我静坐在窗前,脑海中不断地回放着近日观影时,那些藏地文化影像如潺潺溪流,淌过心间,泛起层层涟漪。

《光之子》,这部纪录片宛如一扇通往青海藏地的温暖之窗,将一个十几岁藏族女孩对父亲的渴望,细腻而真实地展现在眼前。影片里,女孩的眼神清澈又带着一丝倔强,那是对父爱深深的期盼。她生活的环境,广袤无垠的草原,湛蓝如宝石般的天空,还有那随风飘动的五彩经幡,每一处画面都美得让人窒息。

我仿佛能闻到空气中弥漫着的酥油茶香,听到远处传来的悠扬牧歌。藏文化最宝贵之处,便在于它能在如此恶劣的自然与人文环境下,创造出温暖而坚韧的氛围。女孩的母亲,脸上总是洋溢着慈祥的笑容,那是藏族人民乐观豁达精神的生动写照。即便生活艰难,他们依然能从苦难中寻得快乐,在泪水中绽放笑容。这种对生活的热爱与执着,让我深受触动。我仿佛看到了他们在草原上策马奔腾,在帐篷中围炉夜话,用最朴素的方式诠释着生命的意义。藏文化的精髓,就像一束光,照亮了他们在困境中前行的道路,也让我明白,无论生活给予我们多少磨难,只要心中有爱,有希望,就能拥有苦中作乐、泪中含笑的力量。

再将目光投向《寻找智美更登》,这部影片如同一幅色彩斑斓的藏地画卷,缓缓展开在眼前。导演万玛才旦用他独特的视角,带领我们踏上了一场寻找藏戏《智美更登》中王子精神的旅程。那辆在青藏高原上飞驰的吉普车,渺小得如同沧海一粟,却承载着导演对藏地文化的探寻与思考。

影片中,古老的藏戏与现代生活相互交织,形成了一种强烈的对比。老一辈人坚守着对《智美更登》的信仰,他们虔诚地演绎着这出藏戏,将智美更登王子的奉献精神融入生活的每一个细节。而年轻一代,却在现代文明的冲击下,逐渐远离了祖辈的文化和宗教信念。这种文化的传承与变迁,让我感慨万千。

在那些沾满灰尘的戏服、道具和老照片中,我仿佛看到了藏戏曾经的繁盛。老人们用颤抖的声音讲述着智美更登的故事,眼中闪烁着对传统文化的热爱与敬畏。然而,现实的无奈却如同一把利刃,刺痛着每一个热爱藏文化的人的心。年轻村民为了20元的误工费而放弃试戏,歌唱演员用摇滚歌曲质疑智美更登的行为,这些场景让我看到了现代文明对藏族文化的侵蚀和破坏。

但在这其中,我也看到了一丝希望。那个搬木头的老人,一边干着手里的活,一边从容地说:“我愿意把我的眼睛捐献给任何需要帮助的人。”他的话语,如同冬日里的暖阳,温暖着每一个人的心。这种对信仰的坚守,对善良的传承,让我相信,藏文化的根脉永远不会断绝。

影片结尾,导演的寻找之旅仍在继续,而我的思绪也随着影片的落幕而久久无法平静。藏文化,它不仅仅是一种艺术形式,更是一种精神信仰,一种生活态度。它承载着藏族人民的历史记忆,蕴含着他们对美好生活的向往和追求。

观影结束,窗外的月光如水,洒在书桌上。我静静地坐在那里,心中满是对藏文化的敬畏与热爱。这两部影片,就像两颗璀璨的星星,照亮了我对藏地文化的认知之路。它们让我明白,在全球化的大背景下,我们应该尊重和保护每一种文化的独特性,让这些珍贵的文化遗产在多元共生的环境中绽放出更加绚丽的光彩。

我仿佛看到了未来的某一天,当我再次踏上那片神奇的土地,能亲身感受藏文化的魅力,与藏族人民一起,在广袤的草原上,唱起那悠扬的牧歌,跳起那欢快的舞蹈,让藏文化的光芒,永远闪耀在世界的东方。